2013-08-03

སྤྲིན་པ།

དཀར་ལོང་ལོང་དུ་ནམ་མཁའ་ནས་རྒྱུ་དུས།
ངའི་སེམས་པ་ཉི་འོད་བཞིན་གསལ་ཡོད།
དེ་ནས་
དེ་ནས་   ཁྱེད་ཀྱི་སྙིང་ཁ་ལ་ཐུག་པས།
ངའི་ལུས་སེམས་ཇེ་ལྗིད་དུ་སོང་།

ནག་ལྷོག་ལྷོག་ཏུ་འཕྱོ་འགྲོ་དུས།
ངའི་སེམས་ལ་སྡུག་གི་རྒྱ་མཚོ་འཁྱིལ་ཡོད།
མི་རིང་བར་
མི་རིང་བར་  ངས་མིག་ཆུའི་རྒྱ་མཚོ་འདི་ཐེག་ཐབས་བྲལ་འདུག



གློག་ཞགས་འདི་སྙིང་རལ་བའི་འོད་ཡིན།
དྲག་ཆར་འདི། ཚིག་གིས་མཚོན་མི་ཐུབ་པའི་དོན་དེ་ཡིན།


ཐམས་ཅད་གསལ་ཞིང་། ཡོད་ཚད་བརླན་དུས།

ང་རང་ཉི་འོད་ཀྱི་ཀློང་དུ་ཡལ་ངེས།



ངས་ཐམས་ཅད་བརྗེད་པར་འདོད།
ཐམས་ཅད་བརྗེད་དེ། ཡང་བསྐྱར་མཁའ་དབྱིངས་ཀྱི་སྤྲིན་དཀར་དེ་བྱེད་འདོད།

No comments:

Post a Comment